Re: Голодание и Тибетская Медицина.
༄༅།། མཆིན་པའི་སྨན་གྱི་སྡེ་ཚན།
Лечение заболеваний печени. གྷི་ཝམ་དགུ་པ། བསིལ་ཆེ། བཟི་མེད།
ཕན་ནུས། མཆིན་པར་རྨ་འདོན་པ་དང། མཆིན་ཁྲག་རྒྱས་པ། མཆིན་ཚད་ཀྱི་ནད། བད་སྨུག་གི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།
གྷི་ཏིག། བསིལ་ཆེ། བཟི་མེད།
ཕན་ནུས། མཆིན་པ་དང་མཁྲིས་པར་གཟེར་ཟུག་གཏོང་བ། ཞེ་མེར་ལངས་པ། ཁ་ཏིག་ཁ་བ། སྐོམ་ཚད་བྱེད་པ། མགོ་ན་བ། གདོང་པ་དང་མིག་སྤྲིན་སེར་བ། གཅིན་པའི་མདོག་དམར་སེར། མཁྲིས་ཚད་ཀྱི་ནད་དང། མཆིན་ཚད་ཀྱི་ནད། མཆིན་པ་རྒྱས་པའི་ནད། མཆིན་མཁྲིས་ཚ་བའི་ནད་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་གྷི་ཝམ་དགུ་པ་རིལ་བུ་གསུམ་དང་ཏིག་ཏ་བརྒ ྱད་པ་རིལ་བུ་གསུམ་མཉམ་དུ་བསྲེས་ནས་གཏོང་རྒྱུ།
ཟླ་བདུད། ཅུང་བསིལ། བཟི་མེད།
ཕན་ནུས། ཕོ་མཆིན་ན་བ་དང། དུག་དང་སྨུག་པོའི་ནད། ཚད་པ་གསར་རྙིང་གི་ནད། མཆིན་ནད་དུག་འཐབ་ཀྱིས་ཁྲག་སྐྱུགས་པའམ་བཤལ་བ། མ་ཞུ་བའི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གཅིག།
གུར་གུམ་བདུན་པ། བསིལ་ཆེ། བཟི་མེད།
ཕན་ནུས། མཆིན་ཁྲག་རྒྱས་པ་དང། མཆིན་སྟེང་རྩིབ་ཐུང་གཡས་གཡོན་ན་བ། མཆིན་པས་གཉན་ཚད་ཞུགས་པ། མིག་སྤྲིན་སེར་བ། མཆིན་ནད་གསར་རྙིང་གཉིས་ཀར་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།
གུར་གུམ་བཅུ་གསུམ། ཅུང་བསིལ། བཟི་མེད།
ཕན་ནུས། མཆིན་རྒུད་དང་སྦྱར་དུག་གི་ནད། མཁལ་མར་གཉན་ཚད་ཞུགས་པ། གཅིན་འགགས་ཀྱི་ནད། ཡ་སྲིན་གྱི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།
རྒྱལ་བློན་བཅུ་བདུན། བསིལ། བཟི་མེད།
ཕན་ནུས། མཆིན་པ་ཉམས་ཤིང་མིག་ཤེད་ཤོར་བ། གཅིན་པ་བབས་དཀའ་བ། མཁལ་འགྲམས་ཀྱི་ནད། ཆུ་སེར་གྱི་ནད། སྦྱར་དུག་གི་ནད། ཡ་སྲིན་གྱི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།
མན་ངག་བསིལ་སྦྱོར། ཅུང་བསིལ། བཟི་མེད།
ཕན་ནུས། དུག་དང་སྨུག་པོའི་ནད་དང། མཁྲིས་པ་དང། མཆིན་པ་རྒྱས་པའི་ནད། ཁྲག་རྙིང་སྟོད་དུ་རྒྱས་པ། མཆིན་དྲི་ནང་གི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གཉིས་ནས་གསུམ།
གཡུ་རྙིང་ཉེར་ལྔ། ཅུང་བསིལ། བཟི་མེད།
ཕན་ནུས། མཆིན་ཁྲག་རྒྱས་པ་དང། མཆིན་སྟེང་རྩིབ་ཐུང་གཡས་གཡོན་གཟེར་བ། མིག་སྤྲིན་དམར་བ།གདོང་པ་དམར་སྨུག་ཆགས་པ། སྐོམ་ཚད་བྱེད་པ། མཆིན་ནད་དུག་འཐབ་ཀྱིས་མཆིན་པ་ལྡུར་ནས་ཁྲག་ནག་དུད་ཁུ་ སྐྱུགས་པ། བཤང་བ་སྐམས་ལ་ནག་ཅིང་ཤ་རིལ་འདྲ་བ། བབས་དཀའ་བ། ལུས་ཀྱི་ཤ་ཤོར་བ། མཆིན་པར་གཉན་ཚད་ཞུགས་པ། དེ་བཞིན་མཆིན་ནད་ཚ་གྲང་གཉིས་ཀར་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གཅིག།
ཨུད་པལ་ཉེར་ལྔ། བསིལ། བཟི་མེད།
ཕན་ནུས། མཆིན་སྟེང་གཟེར་ཞིང་མཆིན་ཁྲག་རྒྱས་པ། དུག་དང་སྨུག་པོའི་ནད། ཁྲག་མཁྲིས་ཕོ་བར་ལྷུང་བ། མཆིན་ཚད་དང་མཁྲིས་པའི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་བཞི་ནས་ལྔ།
གྷི་ཙན། བསིལ་ཆེ། བཟི་མེད།
ཕན་ནུས། མཆིན་པར་གཟེར་ཟུག་གཏོང་བ་དང། མཆིན་ཁྲག་རྒྱས་པ། གློ་མང་བ། གློ་བར་གཟེར་ཟུག་གཏོང་བ། ལུད་པའི་ནང་ཁྲག་དང་རྣག་འདོན་པ། དབུགས་བསགས་པ། མཆིན་པ་རྒྱས་པའི་ནད་དང་མཆིན་ཚད་ཀྱི་ནད། གློ་ཚད་ཀྱི་ནད་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་ལྔ་གཏོང་རྒྱུ།
__________________
Камень, лежащий вне дороги, не может быть помехой, он просто камень. Только камни, портящие дорогу, могут быть помехами, но они же и знаки верного направления. А. Шевцов. "Введение в науку думать".
|